སྐྱེས་པ་ཞིག་གིས་...

  • 洛多藏文微薄
  • 2023-03-13 10:33:57
སྐྱེས་པ་ཞིག་གིས་མཛེས་སྡུག་ལྡན་པའི་བུ་མོ་ཞིག་དང་གཉེན་སྒྲིག་བྱས། ཁོ་རང་གི་ཆུང་མ་ལ་ཧ་ཅང་དགའ། ་གློ་བུར་དུ་ཆུང་མ་ལ་པགས་ནད་ཅིག་བྱུང་། མོའི་མཛེས་སྡུག་རིམ་གྱིས་ཉམས་འགོ་ཚུགས།

ཉིན་ཞིག་ཆུང་མ་འཆམ་འཆམ་ལ་སོང་ནས་ཕྱིར་ལོག་པའི་བར་ལ་ཁྱོ་ག་བརྡབ་སྐྱོན་ཤོར་ཏེ་མིག་གཉིས་ལོང་བར་གྱུར། གང་ལྟར་ཁོང་གཉིས་ཀྱི་གཉེན་སྒྲིག་སྔར་བཞིན་རྒྱུན་ལྡན་ཡིན། འོན་ཀྱང་དུས་ཚོད་རིམ་གྱིས་འདས་པ་དང་མཉམ་དུ་ཆུང་མའི་མཛེས་སྡུག་ཉམས་པ་རེད། ཁྱོ་གས་དེའི་ཚུལ་མ་མཐོང་ཞིང་ཁོང་གཉིས་ཀྱི་གཉེན་སྒྲིག་གི་འཚོ་བ་ལ་ཁྱད་པར་ཅི་ཡང་བཟོས་མེད།

ཁྱོ་ག་མུ་མཐུད་ནས་རང་གི་ཆུང་མ་ལ་དགའ། ཆུང་མ་གློ་བུར་དུ་རྐྱེན་དབང་གིས་ཤི་བ་རེད། མོ་ཡང་མ་ཤི་བར་དུ་རང་གི་ཁྱོ་ག་ལ་ཧ་ཅང་དགའ། ཆུང་མ་ཤི་བ་དེས་ཁྱོ་ག་ལ་སྡུག་བསྔལ་ཆེན་པོ་བསྐྱེད་པ་དང་། གཤིན་ཆོས་ཚང་མ་ཚར་རྗེས་ཁོས་གྲོང་ཁྱེར་དེ་བཞག་ནས་ཡུལ་གཞན་ལ་འགྲོ་འདོད་ཡོད།

ཁོའི་རྒྱབ་ནས་མི་ཞིག་གིས། “ཁྱོད་གཅིག་བུར་གང་འདྲ་འགྲོ་ཐུབ་བམ། ཉིན་རྟག་པར་ཁྱོད་ལ་ཆུང་མས་རོགས་པ་བྱེད་ཀྱིན་ཡོད་རེད” ཟེར།

ཁོས་ལན་དུ། “ང་ལོང་པ་ཞིག་མིན། ངས་ལོང་པ་ཡིན་ཁུལ་བྱས་པ་ཡིན། གང་ཡིན་ཞེ་ན། གལ་ཏེ་པགས་ནད་ཀྱི་གནས་སྟངས་སྐྱོ་བོ་དེ་ངས་མཐོང་གི་ཡོད་པ་ཆུང་མས་ཤེས་སོང་ན་དེས་མོ་ལ་པགས་ནད་ལས་སྡུག་པའི་ན་ཟུག་སྐྱེད་ཀྱི་རེད། ང་མོའི་མཛེས་སྡུག་ཙམ་ལ་དགའ་བ་མིན། མོའི་བྱམས་སྐྱོང་དང་ཟོལ་མེད་ཀྱི་བརྩེ་བ་ཚོར་ནས་དགའ་བ་ཡིན། དེར་བརྟེན། ངས་ལོང་པ་ཡིན་ཁུལ་བྱས་ཏེ་མོའི་སྤྲོ་སེམས་མུ་མཐུད་ནས་ཉར་འདོད་པ་ཡིན།” ཞེས་བཤད།

(མཛེས་སྡུག་ནི་དུས་ཀྱི་རིམ་པས་ཡལ་འགྲོ། ཡིན་ནའང་སེམས་དང་སྲོག་ནི་ནམ་ཡིན་རུང་གཅིག་ཡིན། མི་ལ་ཕྱིའི་རྣམ་པ་ལས་དགའ་བ་མ་ཡིན་པར་སེམས་ལས་དགའ་བ་བྱོས།)
སྐྱེས་པ་ཞིག་གིས་...