微博 ༄༅། །དབྱར་ནས་བ...
- 山本次朗藏文微博
- 2023-03-11 04:06:35

དགུན་ནས་ཟད་ཅིང་དཔྱིད་ནས་འབུས་ཡོང་བ།།
འདི་ནི་མེ་ཏོག་ཡིན་ལ་མི་ཚེ་ཡིན།།
དོན་དུ་ཐོག་མཐའ་མེད་པའི་འཁོར་བ་འོ།།
དྲན་པའི་དཔྱིད་མགོ་འདི་རུ་སྨུག་པ་འཐིབས།།
བརྩེ་འཕྲིན་འདབ་མའི་གསེང་ནས་མྱུ་གུ་འབུས།།
དབྱར་གཞུང་འགྱུར་ཁུགས་སྙན་པའི་ལྗོན་ཤིང་ཁྱོད།།
སྟོན་མཇུག་ལོ་འདབ་བསྐྱུར་ནས་རྒྱང་རིང་འཕུར།།