切换导航
艾久久资讯网
首页
(当前)
头条
电影
军事
时尚
热门
社会
数码
汽车
体育
搞笑
影片
新鲜事
游戏
美食
股市
校园
美妆
婚恋
科技
健康
美女
动漫
电视剧
旅游
萌宠
育儿
读书
综艺
运动健身
音乐
设计
艺术
房产
情感
明星
宗教
家居
科普
星座
国际
舞蹈
三农
法律
辟谣
军事
历史
养生
瘦身
财经
རྒྱལ་དབང་མཆོག་ནས...
丹增让姆--年龙大圆满阿兰若
2022-02-26
0
首页
>
宗教
རྒྱལ་དབང་མཆོག་ནས་གསར་དུ་ལྗགས་རྩོམ་གནང་བའི་ལྷ་མོ་འོད་ཟེར་ཅན་མའི་བསྟོད་པ།
Praises of Marichi: New Verses by His Holiness the Gyalwang Karmapa
བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་ལ་བསྟོད་པ་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །
རྒྱལ་ཀུན་ཡེ་ཤེས་བཻཌཱུར་དག་པའི་ངོས། །
སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་གཟུགས་བརྙན་ནི། །
མཚར་སྡུག་ལྷ་མོའི་དཔལ་དུ་ཤར་བའི་སྐུ། །
བཅོམ་ལྡན་འོད་ཟེར་ཅན་མར་བསྟོད་པར་བགྱི། །
༡ གང་ལ་བརྟེན་ན་མི་དང་མི་མིན་དང་། །
ས་སོགས་འབྱུང་བའི་འཇིགས་པ་མ་ལུས་པ། །
ཀུན་ནས་ཞི་མཛད་སྐྱབས་ཀྱི་མཆོག་གྱུར་གང་། །
བདག་ལ་དར་ཅིག་དགོངས་པར་མཛད་དུ་གསོལ།
༢ དད་པའི་སྤུ་ལོང་ཤིན་ཏུ་གཡོས་པ་ཡི། །
ལག་ཟུང་མེ་ཏོག་གཞོན་ནུ་ཁ་འབུས་ལྟར། །
བདེ་ཆེན་འཁོར་ལོའི་རྒྱན་དུ་རབ་བཞག་ནས། །
ཁྱོད་ལ་བསྟོད་པ་ཁོ་ན་ལྷུར་དུ་ལེན། །
༣ འབུམ་ཕྲག་ཟླ་བའི་ཕུང་པོ་བརྩེགས་པ་ལས། །
རབ་མཛེས་ཡིད་ཀྱིས་བྲིས་འདྲའི་མཆོད་སྡོང་རྩེར། །
བུམ་བཟང་མཆོག་ཏུ་རྒྱས་པའི་ལྟོ་བ་ན། །
པད་དཀར་ཟླ་བ་རྒྱས་པའི་གདན་སྟེང་དུ། །
༤ འཛམ་བུ་ཆུ་བོའི་གསེར་ལྟར་དྭངས་བའི་སྐུ། །
ཉི་མ་བྱེ་བས་འཁྱུད་པའི་ལྷུན་པོ་བཞིན། །
གཟི་བྱིན་མཚུངས་པ་མེད་པའི་ལྷ་མོ་ཡིས། །
བདག་ལ་དེ་རིང་ཞལ་བཟང་བསྟན་དུ་གསོལ། །
༥ བཙོ་མའི་གསེར་དང་ཆུ་ཤེལ་དབང་སྔོན་ལྟར། །
དྲི་མེད་ཤིན་ཏུ་དག་པའི་ཞལ་གསུམ་ནི། །
ཞི་དང་ཁྲོ་སོགས་གར་དགུའི་ཉམས་ལྡན་པས། །
གཞན་སེམས་བྲན་དུ་འགུག་ལ་ཕྱག་འཚལ་ལོ། །
༦ གནག་སྣུམ་རལ་པའི་གཙུག་ཏོར་རྒྱས་པའི་རྩེར། །
བྱང་ཆུབ་མཆོག་གི་མཆོད་སྡོང་རབ་མཛེས་པ། །
ས་འཛིན་རྩེ་མོར་འཁྲིགས་པའི་སྤྲིན་བཟང་ལྟར། །
དལ་གྱིས་གཡོ་བ་ཁྱོད་ལ་ཕྱག་འཚལ་ལོ། །
༧ འཆི་མེད་བུ་མོ་སྐྱེངས་པའི་མཛེས་སྡུག་སྐུར། །
འཇམ་མཉེན་སྲབ་པའི་དར་གྱིས་ལེགས་དཀྲིས་ཤིང་། །
རྒྱུ་སྐར་ཕྲེང་བ་སྲད་བུར་བརྒྱུས་འདྲ་བའི། །
སྣ་ཚོགས་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །
༨ འཁྲིལ་ཆགས་གཞོན་ཤ་རྒྱས་པའི་ཕྱག་དྲུག་གིས། །
མདའ་དང་རྡོ་རྗེ་ཁབ་དང་གཞུ་སྐུད་དང་། །
མྱ་ངན་མེད་པའི་ཡལ་ག་འབྲས་བུར་བཅས། །
ཀུན་ཏུ་འཛིན་མ་ཁྱོད་ལ་ཕྱག་འཚལ་ལོ། །
༩ ས་དང་ལྷུན་པོ་གཡོ་བའི་རྩལ་ལྡན་ཞིང་། །
ཉི་ཟླའི་བགྲོད་པའང་ཐུང་ངུར་བྱེད་པ་ཡི། །
རྫུ་འཕྲུལ་ཤུགས་འཆང་ཕག་རྒོད་སེར་པོའི་སྟེང་། །
བརྗིད་ཅིང་འགྱིང་བ་ཁྱོད་ལ་ཕྱག་འཚལ་ལོ། །
༡༠ གཞོམ་མེད་ནཱ་དའི་སྒྲ་ལས་འཕོས་པ་ཡི། །
ཚངས་ཆེན་དབྱངས་ཀྱི་རྒྱུད་མང་་འཁྲོལ་བའི་གླུ། །
སྐལ་བཟང་རྣ་བའི་དགའ་སྟོན་གཅིག་པུ་ཉིད། །
སྲིད་པའི་མཐར་ཡང་སྒྲོགས་ལ་ཕྱག་འཚལ་ལོ། །
༡༡ དོན་དམ་ཅིར་ཡང་དམིགས་པ་མེད་པའི་ངང་། །
སྣང་ཚུལ་འགག་པ་མེད་པའི་རོལ་རྩེད་ཀྱིས། །
འགྲོ་ལ་མཆོག་གི་དངོས་གྲུབ་སྟེར་མཛད་མ། །
བདེན་གཉིས་ཟུང་འཇུག་ཁྱོད་ལ་ཕྱག་འཚལ་ལོ། །
༡༢ ཚད་མེད་ཡེ་ཤེས་ཆོས་སྐུའི་སྣང་བ་ཡིས། །
རབ་འབྱམས་ཆོས་ཀྱི་དབྱིངས་ཀུན་རྒྱས་བཀང་བས། །
མཐའ་དག་ཤེས་བྱའི་གོ་སྐབས་རབ་འཕྲོག་པ། །
རྣམ་མཁྱེན་ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །
༡༣ བརྩེ་ཆེན་ཐུགས་རྗེའི་སྣང་བ་རབ་རྒྱས་པའི། །
བདེ་ཆེན་ཡེ་ཤེས་ཞུན་མའི་མེ་ལྕེ་ཡིས། །
ཉོན་མོངས་བདུད་དཔུང་མ་ལུས་སྲེག་མཛད་པ། །
བཅོམ་ལྡན་འདས་མ་ཁྱོད་ལ་ཕྱག་འཚལ་ལོ། །
༡༤ ཁྱོད་ཀྱི་མཚན་ཙམ་ཡིད་ལ་བྱེད་པས་ཀྱང་། །
འཇིགས་དང་སྡུག་བསྔལ་ཀུན་ལས་བྲལ་འགྱུར་ན། །
སྐྱབས་སུ་སོང་ཞིང་བཟླས་བརྗོད་བརྩོན་པ་ལ། །
ཐུགས་རྗེའི་འཇུག་པ་ལྷོད་པ་ཅང་སྲིད་དམ། །
༡༥ དེ་ཕྱིར་མ་ཡིས་བོར་བའི་བུ་སྡུག་བཞིན། །
གནས་སྐབས་ཀུན་ཏུ་ཉེར་འཚེས་མནར་བ་ལ། །
བྱམས་པའི་སྤྱན་གྱིས་ཡུད་ཙམ་མ་གཟིགས་ན། །
ཐུགས་རྗེའི་གཏེར་ཞེས་རྫུན་དུ་མི་འགྱུར་རམ། །
༡༦ རླབས་ཆེན་ཡོན་ཏན་རྒྱ་མཚོའི་ཟེགས་མ་ཙམ། །
མངོན་པར་བསྟོད་ལས་བྱུང་བའི་དགེ་བ་དེས། །
འགྲོ་ཀུན་ཁྱོད་ཀྱི་གོ་འཕང་རབ་བརྙེས་ནས། །
བདེ་བ་མཆོག་གི་ས་ལ་རེག་གྱུར་ཅིག །
༡༧ དཀར་མིན་ལས་ཀྱི་བག་ཆགས་འཐུག་པོའི་འབྲས། །
ཡོངས་སུ་སྨིན་པའི་རིམས་ནད་དྲག་པོ་ཀུན། །
ཡངས་པའི་ས་འདིར་མིང་ཙམ་མེད་པ་ཡི། །
རྫོགས་ལྡན་དུས་སྟོན་མྱུར་དུ་ཚེས་གྱུར་ཅིག །
༡༨ མཚོན་དང་མུ་གེ་འབྱུང་བའི་འཇིགས་པ་དང་། །
སྡང་བའི་དགྲ་དང་འབྱུང་པོས་འཚེ་བ་དང་། །
སྡིག་པའི་རྨི་ལམ་མཚན་མ་ངན་པ་སོགས། །
ཐམས་ཅད་ཁྱོད་ཀྱིས་རབ་ཏུ་ཟློག་པར་མཛོད། །
༡༩ ནད་མེད་ཚེ་དང་རླབས་ཆེན་རྣམ་དཔྱོད་དང་། །
དགེ་ཚོགས་ཀུན་གྱི་རྩ་བ་དད་སེམས་ཏེ། །
འཇིག་རྟེན་འཇིག་རྟེན་འདས་པའི་ཡོན་ཏན་རྣམས། །
ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་ཤོག །
༢༠ ཐུབ་པའི་བསྟན་པ་སྤྱི་དང་བྱེ་བྲག་རྣམས། །
མི་ཉམས་གོང་དུ་སྤེལ་བའི་བསམ་སྦྱོར་ལ། །
བར་དུ་གཅོད་པའི་བདུད་རིགས་ཐམས་ཅད་ཀྱང་། །
ཚར་གཅོད་རྗེས་སུ་འཛིན་པའི་མཐུ་ཐོབ་ཤོག །
༢༡ བདག་ནི་མཐོང་ཐོས་རེག་པ་ཙམ་གྱིས་ཀྱང་། །
འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བ་དང་། །
ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར། །
འདོད་པའི་རེ་བ་ཡོངས་སུ་སྐོང་བར་ཤོག །
༢༢ འདི་ནས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །
ཐུགས་རྗེའི་ཕྱག་གིས་ནམ་ཡང་མི་གཏོང་བར། །
མུ་མེད་སྲིད་པར་འཁྱམས་པའི་འགྲོ་བ་ལ། །
གཉེན་ཞིང་བྱམས་པ་ཁྱོད་དང་མཚུངས་གྱུར་ཅིག །
༢༣ དེ་ལྟར་བསྟོད་པའི་མུ་ཏིག་ཕྲེང་མཛེས་འདི། །
སུ་ཞིག་འཆང་དང་འཛིན་པར་བྱེད་པའམ། །
གཞན་ལ་རྒྱ་ཆེར་སྟོན་པར་བྱེད་པ་རྣམས། །
བདེ་ལེགས་དབྱར་གྱི་མཚོ་ལྟར་རྒྱས་གྱུར་ཅིག །
ཅེས་པ་འདིའང་འཕགས་མ་འོད་ཟེར་ཅན་མའི་སྟོང་མཆོད་གསར་རྩོམ་གྱི་ཆ་ལག་ཏུ་དམིགས་ནས། དཔལ་ཀརྨ་པའི་མཚན་ཙམ་འཛིན་པ། ཨོ་རྒྱན་ཕྲིན་ལས་སུ་འབོད་པ་དེས་སྤྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༣ ཉིན་ཡིད་རབ་ཏུ་དང་བས་སྦྱར་བ་འདིས་ཀྱང་བཀྲ་ཤིས་ཀྱི་དགེ་མཚན་རབ་ཏུ་རྒྱས་པར་གྱུར་ཅིག་གུ།
郑重声明:图文内容整理自网络,版权归原作者所有,如作者信息标记有误,请联系我们修改或删除,多谢。
返回
返回首页
上一篇
【皈依】不要勉强别人皈依...
下一篇
但凡寺院,都有一种清凉与庄严
栏目热门
网站首页